投稿邮件

tougao@sne.gov.cn

中国政府网
您当前所在位置: 首页>新闻中心 > 科室动态

市教育局(体育局)2023年寒假安全教育写给家长的一封信

时间:2023-12-21 10:18:42 来源:市教育局稳安科

亲爱的家长朋友们:

假期如约而至,春节、藏历年即将来临。为了让孩子们度过一个安全、祥和而有意义的假期,温馨提示各位家长:

一、珍惜光阴,过一个学习充实的假期请家长协助孩子制定科学的寒假学习计划,督促孩子认真完成假期作业,并根据孩子的学习情况查漏补缺,全面提高。开展亲子共读,鼓励孩子多读好书,并做好读书笔记,制作读书卡。培养孩子良好的书写习惯,给孩子准备一本字帖,督促孩子每天坚持练字。

二、继承传统,过一个和谐健康的假期。教育孩子养成良好的作息习惯,不长时间看电视、手机。督促孩子参加“我与运动交朋友”活动,结合家长和孩子的兴趣安排假期运动项目,积极开展亲子体育锻炼、特色运动体验、阳光素质拓展等活动,既锻炼身体,愉悦身心,又能增进亲情。对孩子进行传统美德教育,尊敬长辈,关爱他人,遵守社会公德,注重文明礼仪。

三、通过体验节日民俗,体会中华传统文化魅力围绕“欢欢喜喜过大年”主题,将大扫除、选购年货、贴年画、包饺子、走亲戚、学唱当地戏曲等自行选择一项或多项开展实践活动。

四、要做好防疫、防传染病措施期间,要注意防范新冠肺炎和流感叠加流行。家长要做好自我保护并教育孩子做好个人防护,不带孩子去有风险的地区,教育孩子不到人员复杂密集的场所,出现身体不适要尽早就医治疗,尤其是出现发烧、咳嗽等症状要及时就医,以免耽误病情。

五、要关注孩子行踪动向家长作为孩子的第一监护人,要加强孩子的日常安全教育与管理,主动培养孩子良好的安全习惯。要密切关注子女行踪,对子女的活动要做到知去向、知内容、知同伴、知归时,严防孩子受到伤害或发生意外。

六、要强化安全防范意识。要教育孩子不做不安全的事,不到治安条件不好和人多的地方集聚,不进网吧、游戏厅和歌舞厅,上网时不要透露个人信息,不要轻易与网友见面,不要观看不良信息,严防网络诈骗。不参加邪教组织,不做违法乱纪的事,防止孩子浏览色情、暴力信息和不健康网站,沉迷网络游戏,确保自身安全与公共安全。

七、要加强交通安全教育教育孩子自觉遵守交通规则,按交通信号灯有序通行,过马路走人行横道线,不翻越交通护栏;骑自行车、三轮车必须年满12周岁,驾驶电动自行车必须年满16周岁;骑车戴上安全头盔,乘车系好安全带;不在马路上追逐打闹,不乘坐农用车、无牌无证车,确保孩子安全出行。

八、要强化防火意识及防煤气中毒意识家长要落实家庭安全防范措施,加强家中的电、气、火等安全管理,有效防范煤气中毒、火灾及其他意外发生,确保孩子居家安全。到公共场所活动时,家长要教育孩子知道疏散通道和安全出口在什么位置,让孩子了解掌握必要的火场逃生应急知识。严禁孩子独自燃放烟花爆竹,以免发生灼伤或诱发火灾。要加强防火教育,严禁孩子在野外玩火。

九、要加强防滑冰溺水教育。冬季是学生滑冰溺水事件的高发期,家长要重点教育孩子做到“六不”:不到池塘河库玩耍滑冰;不擅自与他人结伴玩水滑冰;不在无家长带领的情况下游泳或滑冰;不到无安全设施、无救援人员的水域玩耍或滑冰;不到不熟悉的水域游泳或滑冰;不熟悉水性的学生不擅自下水施救。尤其要教育孩子遇到同伴溺水时避免手拉手盲目施救,要智慧救援,立即寻求成人帮助。

十、要加强饮食卫生安全教育。要教育孩子不贪吃零食、不暴饮暴食,不吃劣质或变质食品,按时休息,加强锻炼,讲究卫生,防止疾病产生和食物中毒事故发生。

十一、要加强与孩子的情感沟通。假期是家长与孩子情感沟通的最佳时机,要充分利用寒假时间,多与孩子交谈,了解孩子思想,走近孩子心灵,弥补现代生活节奏带来的孩子和父母之间无暇沟通的缺憾,切实让孩子特别是留守孩子感受到家庭的温暖。

十二、防范各类诈骗。加强对孩子的防诈骗教育,不要在网上轻易泄露自己及亲朋好友的联系电话、通信地址及家庭情况等信息,教育孩子接到陌生电话或信息时要及时求证、冷静识别,谨防上当受骗。

十三、心理健康安全。关注孩子的心理健康,注意培养孩子良好的兴趣,加强锻炼,缓解孩子因学习和生活出现的焦虑心态。利用假期与孩子积极沟通交流,创建温馨家庭氛围,改善亲子关系。假期间,提醒孩子合理安排时间,做到娱乐学习两不误。

各位家长,不论您工作多忙,您的关注对孩子的发展都是极其重要且不可替代的。请您每天在百忙之中抽出点时间与孩子沟通交流,与孩子分享亲情之乐,让孩子感受家的温馨和爱的伟大。生命至上,安全为天。孩子安全,家庭就平安;家庭平安,社会才和谐。让我们携起手来,共同为孩子们营造一个安全、健康、有序的良好成长环境。假期间做好孩子的安全教育工作,确保孩子度过一个健康、安全而又有意义的假期。  

面对孩子的成长,我们没有任何借口,让我们共同用爱与责任托起孩子的明天!最后,祝所有孩子和家长身体健康,家庭幸福!

                               

                                                      市教育局(体育局)

                                                         2023年12月



གུས་པར་འོས་པའི་རྒྱ་ཆེའི་ཁྱིམ་བདག་གྲོགས་པོ་ལྷན་རྒྱས་ཕྱོགས་ལ།

དགུན་ཁའི་གུང་གསེང་དེ་སླེབས་ལ་ཉེ་ཞིང་།  དུས་མཚུངས་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་ཡང་རིམ་གྱིས་འཆར་ལ་ཉེ།   ཕྲུ་གུ་ཚོ་བདེ་འཇགས་དང་སྤྲོ་སྣང་ལྡན་ལ་དོན་སྙིང་ལྡན་པའི་དགུན་གསེང་ལ་རོལ་ཆེད།  རྒྱ་ཆེའི་ཁྱིམ་བདག་རྣམས་ལ་ཤ་ཚའི་དྲན་སྐུལ་ཞུ་རྒྱུ་གཤམ་གསལ།

གཅིག  དུས་ཚོད་ལ་གཅེས་འཛིན་བྱས་ཏེ་འཆར་གཞི་ཡོད་པའི་དགུན་གསེང་དགའ་གཏོང་བྱེད།

ཁྱིམ་བདག་གིས་ཕྲུ་གུར་གཞོགས་འདེགས་ཀྱིས་ཚན་རིག་དང་མཐུན་པའི་སློབ་སྦྱོང་གི་འཆར་གཞི་བཟོ་བ་དང་།  ཕྲུ་གུར་ལྟ་སྐུལ་གང་ལེགས་བྱས་ཏེ་དགེ་རྒན་གྱི་བཀོད་སྒྲིག་བྱས་པའི་དགུན་གསེང་ལས་འགན་ཁག་ལེགས་གྲུབ་བྱེད་དགོས། ཕྲུ་གུའི་སློབ་སྦྱོང་ལ་དོ་འཁུར་གང་མང་བྱས་ཏེ་དཀའ་གནད་གསེལ་བཀྲོལ་བྱས་ཐོག་སློབ་མའི་ཕྱོགས་ཡོངས་ཀྱི་བྱང་ཚད་འཕེལ་རྒྱས་ཡོང་བ་བྱེད་དགོས།  དགུན་གསེང་རིང་ཁྱིམ་ཚང་དཔེ་ཀློག་བྱེད་སྒོ་སྤེལ་ནས་ཕྲུ་གུར་དཔེ་ཀློག་མང་ཙམ་བྱེད་པར་སྐུལ་བ་དང་དཔེ་ཀློག་ཟིན་བྲིས་འགོད་པ།  དཔེ་ཀློག་ཤོག་བྱང་བཟོས་ནས་སློབ་མའི་འབྲི་ཀློག་གི་གོམས་གཤིས་གསོ་སྐྱོང་དང་སློབ་མར་ཡིག་གཟུགས་འབྲི་སྦྱོང་དེབ་མངགས་ཉོ་བྱས་ཏེ་ཉིན་རེའི་ཡིག་གཟུགས་སྦྱོང་བརྡར་བྱེད་དགོས།

གཉིས། སྲོལ་རྒྱུན་རྒྱུན་འཛིན་བྱས་ཏེ་ཞི་མཐུན་དང་བདེ་ཐང་ཅན་གྱི་དགུན་གསེང་དགའ་གཏོང་བྱེད།

   ཕྲུ་གུར་ཡང་དག་པའི་ངལ་གསོའི་གོམས་གཤིས་གསོ་སྐྱོང་བྱས་ནས།  ཕྲུ་གུར་ཁ་པར་དང་བརྙན་འཕྲིན་ཡུན་རིང་བལྟ་བར་ཚོད་འཛིན་དང་ལུས་སྦྱོང་གི་བྱེད་སྒོ་སྤེལ་ནས་མཉམ་དུ་ལུས་སྦྱོང་བྱེད་པ་དང་དམིགས་བསལ་གྱི་ལུས་སྦྱོང་བྱེད་སྒོ་ཁག་ལ་ཉམས་ལེན་བྱེད་དུ་བཅུག་ནས་ཕ་མ་བུ་ཕྲུག་གི་བརྩེ་བ་ཇེ་ཟབ་ཏུ་གཏོང་དགོས།  ཕྲུ་གུར་སྲོལ་རྒྱུན་སྤྱོད་བཟང་གི་སློབ་གསོ་སྤེལ་བ་དང་།  རྒན་རབས་ལ་བརྩི་བཀུར།  མི་གཞན་ལ་སེམས་འཁུར།  སྤྱི་པའི་སྤྱོད་གཙང་སྲུང་སྐྱོབ་དང་ཡ་རབས་གུས་ལུགས་ཤེས་པར་འབད་པ་བྱེད་དགོས།

གསུམ།  དམངས་སྲོལ་དུས་ཆེན་དགའ་གཏོང་བྱས་ཐོག་སྲོལ་རྒྱུན་རིག་གནས་ཀྱི་སྙིང་བཅུད་བསྡུ་ལེན།

དུས་ཆེན་དགའ་གཏོང་ཁྲོད།  དུ་ཕྱགས་རྒྱག་པ་དང་ལོ་གསར་གྱི་མཁོ་ཆས་ཉོ་བ།  ལོ་གསར་གྱི་སྨོན་ཚིག་སྦྱར་བ།  ཤ་མོག་བཟོ་བ།  མགྲོན་འབོད་བྱེད་པ། ཟློས་གར་འཁྲབ་པ་སོགས་ཀྱི་བྱེད་སྒོ་ཁག་ནང་དངོས་སུ་བཞུགས་ནས་ཉམས་ལེན་བྱེད་དགོས།

བཞི།  རིམས་ནད་སྔོན་འགོག་དང་འགོས་ནད་རྒྱ་ཁྱབ་མི་འགྲོ་བའི་བྱ་ཐབས་འདོན་སྤེལ།

དགུན་གསེང་རིང་ཏོག་གསར་གློ་ཚད་དང་འཆམ་རིམ་སོགས་ལ་སྔོན་འགོག་གང་ལེགས་བྱེད་དགོས།  ཁྱིམ་བདག་རང་ཉིད་ནས་འགོག་སྲུང་ནན་པོ་བྱས་ཐོག་ཕྲུ་གུའི་སྔོན་འགོག་འདུ་ཤེས་ལ་ཤུགས་སྣོན་རྒྱག་དགོས།  རིམས་ནད་འགོས་ཁྱབ་ཆེ་བའི་ས་ཆར་མི་འགྲོ་བ་དང་ཕྲུ་གུ་མི་འདུ་འཛོམས་ཆེ་སར་མི་གཏོང་བ། གལ་སྲིད་ཕྲུ་གུ་མི་བདེ་བ་སོགས་བྱུང་ཚེ་ལམ་སེང་སྨན་ཁང་དུ་ཁྲིད་དགོས།  ལྷག་པར་དུ་ཚ་བ་རྒྱས་པ་དང་གློ་རྒྱག་པ་སོགས་ཀྱི་ནད་རྟགས་ཐོན་ཚེ་དུས་ཐོག་ཏུ་སྨན་བཅོས་བྱེད་དགོས།

ལྔ།  ཕྲུ་གུའི་འགྲོ་སྐྱོད་ཀྱི་གནས་ཚུལ་ཤེས་རྟོགས།  

ཁྱིམ་བདག་ནི་ཕྲུ་གུའི་ལྟ་སྐྱོང་མི་སྣ་དང་པོ་དེ་ཡིན་ཞིང་།  ཕྲུ་གུའི་ཉིན་རེའི་བདེ་འཇགས་སློབ་གསོ་དང་དོ་དམ་ལ་ཤུགས་སྣོན་རྒྱག་དགོས།  རང་འགུལ་ངང་ཕྲུ་གུར་ཡང་དག་པའི་བདེ་ཐང་གོམས་གཤིས་འཇགས་པ་བྱེད་དགོས་ལ།  དགུན་གསེང་རིང་ཕྲུ་གུའི་བྱ་སྤྱོད་ལ་ཤེས་རྟོགས་དང་ཕྲུ་གུས་ཞུགས་པའི་བྱེད་སྒོ་ཁག་གི་ནང་དོན་གང་ཡིན་པ་དང་རོགས་པ་སུ་ཡིན་པ།  དེ་བཞིན་ཁྱིམ་དུ་ག་དུས་ལོག་ཡོང་མིན་སོགས་ཀྱི་གནས་ཚུལ་ཤེས་རྟོགས་གཏིང་ཟབ་བྱས་ཏེ།  ཕྲུ་གུར་བསམ་ཡུལ་ལས་འདས་པའི་གནོད་འཚེ་མི་ཐོན་པ་བྱེད་དགོས།

དྲུག  ཕྲུ་གུའི་བདེ་འཇགས་ཀྱི་འདུ་ཤེས་ལ་ཤུགས་སྣོན་རྒྱག་དགོས།

ཕྲུ་གུར་བདེ་འཇགས་མེད་པའི་ལས་ཀ་བྱེད་པར་བཀག་འགོག་དང་།  བདེ་འཇགས་ཆ་རྐྱེན་མི་ཚང་བའི་ས་ཆ་དང་མི་འདུ་འཛོམས་མང་པའི་ས་ཆར་མི་གཏོང་བ།  དྲ་ཁང་དང་རོལ་རྩེད་ཁང་། ནང་མ་ཨར་ཁང་སོགས་ན་ཚོད་མ་ལོན་པའི་ས་ཆར་འགྲོ་བར་བཀག་འགོག      དྲ་བར་བཞུགས་སྐབས།  མི་སྒེར་གྱི་ཆ་འཕྲིན་མཁོ་འདོན་དང་།  དྲ་ཐོག་གི་མི་རྒྱུས་མེད་དང་འཛོམས་དུས་བཟོ་བ།  བདེ་ཐང་མེད་པའི་བརྙན་ཐུང་བལྟ་བ་སོགས་རྩ་བ་ནས་བྱེད་མི་རུང་ལ་དྲ་བའི་ཁ་བསླུས་འགོག་སྲུང་ནན་པོ་བྱ་དགོས།  ཕྲུ་གུ་ཆོས་ལོག་གི་བྱེད་སྒོ་ཁག་ལ་མི་ཞུགས་པ་དང་ཁྲིམས་འགལ་གྱི་ལས་ཀ་བཀག་འགོག   ཕྲུ་གུས་ཆགས་སྲེད་དང་དྲག་ཤུགས་ཀྱི་ཆ་འཕྲིན་བདེ་ཐང་མིན་པའི་དྲ་ཚིགས་བཤེར་བ་སོགས་བྱས་མི་ཆོག དེ་བཞིན་དྲ་བའི་རོལ་རྩེད་ལ་དབྱིངས་ཚུད་ནས་བདེ་ཐང་སོགས་ལ་གནོད་འཚེ་ཡོང་བར་བཀག་འགོག་བྱས་ཏེ་མི་སྒེར་གྱི་བདེ་འཇགས་དང་སྤྱི་པའི་བདེ་འཇགས་སྲུང་སྐྱོབ་ཡག་པོ་བྱ་དགོས།

བདུན།  འགྲིམ་འགྲུལ་བདེ་འཇགས་སློབ་གསོར་ཤུགས་སྣོན།

ཕྲུ་གུར་འགྲིམ་འགྲུལ་སྒྲིག་ལམ་ལ་སྲུང་བརྩི་བྱེད་དགོས་པའི་སློབ་གསོ་བསྐྱོན་དགོས་པ་དང་། རྒྱ་ལམ་འཕྲེད་བཅད་སྐབས་འགྲིམ་འགྲུལ་གློག་བརྡ་ལ་བལྟ་དགོས་ཤིང་མི་བགྲོད་ལམ་བུར་བསྐྱོད་དགོས་པ་ལས། སྒྲོམ་སྐྱོར་འཛེགས་པ་སོགས་བྱེད་མི་རུང་། ཕྲུ་གུ་ལོ་༡༢ཟིན་མེད་ཚེ་རྐང་འཁོར་དང་འཁོར་གསུམ་སྦག་སྦག་གཏོང་མི་ཆོག་ལ་ལོ་༡༦མ་ལོན་པའི་བྱིས་པས་གློག་འགུལ་སྦག་སྦག་སོགས་གཏོང་མི་ཆོག ལོ་ཚད་ལོན་པའི་འཁོར་རིགས་གཏོང་སྐབས་ངེས་པར་དུ་བདེ་འཇགས་ཞྭ་མོ་གྱོན་པ་དང་བདེ་འཇགས་སྲུང་ཐག་རྒྱག་དགོས།  གཞུང་ལམ་སྟེང་དེད་རེས་གཏོང་བ་དང་ཞིང་འཕྲུལ་འཁོར་རིགས་ལ་སྡོད་པ།  ལག་འཁྱེར་དང་མོ་ཊའི་ཨང་རྟགས་མེད་པའི་འཁོར་རིགས་ཐོག་སྡོད་མི་ཆོག

བརྒྱད།  མེ་ཟོན་སྔོན་འགོག་དང་སོལ་རླངས་ཀྱི་དུག་ཕོག་པའི་སྔོན་འགོག་གི་འདུ་ཤེས་མཐོར་འདེགས་གཏོང་བ།

    ཁྱིམ་བདག་གི་ཁྱིམ་ཚང་བདེ་འཇགས་འགོག་སྲུང་བྱ་ཐབས་འདོན་འཁྱོལ་ཡག་པོ་བྱེད་པ་དང་ཁྱིམ་ནང་གི་གློག་དང་སོལ་རླངས།  མེ་སོགས་དོ་དམ་ལེགས་པོ་བྱེད་དགོས། ནུས་ལྡན་སྒོ་ནས་སོལ་རླངས་ཀྱི་དུག་ཕོག་པའི་འགོག་སྲུང་དང་མེ་སྐྱོན་སོགས་རྐྱེན་ངན་གཞན་ཡོང་བར་སྔོན་འགོག་བྱས་ཏེ་ཕྲུ་གུའི་བདེ་འཇགས་འགན་ལེན་ཐུབ་པ་དགོས།

སྤྱི་པའི་ཚོགས་རར་སླེབས་སྐབས་ཁྱིམ་བདག་ནས་ཕྲུ་གུར་བདེ་འཇགས་ཁ་འགྲེམ་དང་བདེ་འཇགས་འགྲོ་ལམ་གང་དུ་ཡིན་མིན་གསལ་བཤད་བྱས་ཏེ་ཕྲུ་གུར་མེ་སྐྱོན་ཁྲོད་རང་སྲུང་གི་ཤེས་བྱ་གསལ་པོ་ཤོད་དགོས།  ཕྲུ་གུར་མེ་སྐྱོན་སྔོན་འགོག་སློབ་གསོ་སྤེལ་ནས། ཕྲུ་གུར་ཕྱི་ལོགས་སུ་མེ་རྩེད་རྩེ་བ་སོགས་ལ་བཀག་འགོག་ནན་པོ་བྱེད་དགོས།

དགུ།  འདྲེད་བརྡར་ཤོར་བ་དང་ཆུར་བྱིངས་བའི་བདེ་འཇགས་སྔོན་འགོག་སློབ་གསོར་ཤུགས་སྣོན་རྒྱག་དགོས།

དགུན་དུས་ནི་ཕྲུ་གུ་འཁྱགས་ཤུར་གློད་པ་དང་ཆུར་བྱིངས་ནས་གནོད་འཚེ་ལྷག་མང་བའི་དུས་ཡིན་ཞིང་།  ཁྱིམ་བདག་ནས་མི་ཆོག་པ་དྲུག་གི་སློབ་གསོ་ནན་པོ་བསྐྱོན་དགོས། གཅིགརྫིང་བུ་སོགས་ཀྱི་འགྲམ་དུ་རྩེད་མོ་རྩེད་བ་དང་འཁྱགས་ཤུར་སོགས་གློད་མི་ཆོག གཉིས།རང་འཚམ་ངང་ཕྲུ་གུ་གཞན་དང་འགྲོགས་ནས་ཆུ་རྩེད་དང་འཁྱགས་དར་གློད་པ་སོགས་བྱེད་མི་ཆོག གསུམ།  ཁྱིམ་བདག་གི་ཁྲིད་སྟོན་མེད་པར་ཆུ་རྐྱལ་རྒྱག་པ་དང་འཁྱགས་དར་གློད་པ་སོགས་བྱེད་མི་ཆོག  བཞི།བདེ་འཇགས་སྒྲིག་བཀོད་མེད་པ།  རོགས་སྐྱོབ་མི་སྣ་མེད་པའི་ཆུ་འགྲམ་དུ་རྩེད་མོ་རྩེ་བ་དང་འཁྱགས་ཤུར་གློད་པ་སོགས་བྱེད་མི་ཆོག ལྔ།ཆ་རྒྱུས་མེད་པའི་གཙང་ཆུ་སོགས་ལ་ཆུ་རྐྱལ་དང་འཁྱགས་ཤུར་གློད་པ་སོགས་བྱེད་མི་ཆོག  དྲུག ཆུའི་གཏིང་ཟབ་ཚད་ལ་རྒྱུས་མངའ་མེད་པར་ཕྲུ་གུས་ཆུ་ནང་དུ་མི་སྲོག་སྐྱོབ་པ་སོགས་བྱེད་མི་ཆོག  ལྷག་པར་དུ་ཆུར་བྱིངས་བའི་ཉེན་ཁ་ཐོན་ཚེ་གང་བྱུང་དུ་རང་དགར་སྐྱོབ་ཐབས་མི་བྱེད་པར། བྱ་ཐབས་གང་ལེགས་སྤེལ་ཏེ་མི་རྒན་པའི་རོགས་རམ་ལ་བརྟེན་དགོས།

བཅུ་པ།  ཟས་རིགས་འཕྲོད་བསྟེན་སྐོར་གྱི་སློབ་གསོར་ཤུགས་སྣོན་རྒྱག་དགོས།

ཕྲུ་གུར་རྔན་པ་ཙག་ཙིག་མང་པོ་སྟེར་མི་རུང་བ་དང་། བཟའ་འཐུང་ལ་ཚོད་མེད་པ།  རུལ་དྲི་ཁག་པའི་ཟས་རིགས་བཟའ་བ་སོགས་ལ་བཀག་འགོག་བྱས་ཏེ་དུས་ཐོག་ཏུ་ངལ་གསོ་རྒྱག་པ། ཚད་ལྡན་གྱི་ལུས་སྦྱོང་དང་འཕྲོད་བསྟེན་ལ་དོ་སྣང་བྱས་ཐོག ནད་རིགས་སྔོན་འགོག་དང་ཟས་དུག་གི་རྐྱེན་ངན་སྔོན་འགོག་གང་ལེགས་བྱེད་དགོས།

བཅུ་གཅིག   ཕྲུ་གུ་དང་སེམས་གཏམ་གླེང་བ།  

    དགུན་གསེང་ནི་ཕྲུ་གུ་དང་ཁྱིམ་བདག་དབར་གླེང་མོལ་བྱེད་པའི་དུས་ཚོད་བཟང་ཤོས་དེ་ཡིན་པས།  གོ་སྐབས་དམ་འཛིན་གྱིས་ཕྲུ་གུ་དང་གླེང་མོལ་མང་ཙམ་བྱེད་པ་དང་།  ཕྲུ་གུའི་སེམས་ཁམས་ལ་རྒྱུས་ལོན།  ཕྲུ་གུའི་བསམ་ཚུལ་ཤེས་རྟོགས་བྱས་ཏེ་སྤྱི་ཚོགས་འཚོ་བའི་མནོན་ཤུགས་འོག་ཕྲུ་གུ་དང་གླེང་མོལ་ཉུང་བའི་གུན་གསབ་བྱེད་དགོས་ལ་ཕྲུ་གུར་ཁྱིམ་ཚང་གི་དྲོ་སྐྱིད་ཚོར་དུ་འཇུག་དགོས།

བཅུ་གཉིས།   བསླུ་བྲིད་མགོ་སྐོར་འོག་ཏུ་མི་ཚུད་པ་བྱེད་དགོས།

ཕྲུ་གུ་མགོ་སྐོར་བསླུ་ཁྲིད་འོག་ཏུ་མི་ཚུད་པའི་སློབ་གསོ་གང་ལེགས་བསྐྱོན་དགོས་ལ།  དྲ་ཐོག་ཏུ་རང་ཉིད་དང་ནང་མི་ཚོའི་འབྲེལ་གཏུགས་ཁ་པར་དང་སྡོད་གནས་ཆ་འཕྲིན་ཁྱིམ་ཚང་གནས་ཚུལ་སོགས་ལ་ཕྱི་ལ་མི་གྱར་བ་བྱེད་དགོས།  ཆ་རྒྱུས་མེད་པའི་ཁ་པར་དང་འཕྲིན་ཐུང་སོགས་སླེབས་ཚེ་དུས་ཐོག་ཏུ་བདེན་རྫུན་དབྱེ་ནས་མགོ་སྐོར་བསླུ་ཁྲིད་འོག་ཏུ་མི་ཚུད་པ་བྱ་དགོས།

བཅུ་གསུམ།  སེམས་ཁམས་བདེ་ཐང་སློབ་གསོ།

ཕྲུ་གུའི་སེམས་ཁམས་བདེ་ཐང་ལ་དོ་འཁུར་དང་།  ཕྲུ་གུའི་དགའ་སྣང་གསོ་སྐྱོང་།  ཚད་ལྡན་གྱི་སྦྱོང་བརྡར་བྱས་ཏེ།  ཕྲུ་གུའི་སློབ་སྦྱོང་དང་འཚོ་བའི་ཁྲོད་ཀྱི་མནོན་ཤུགས་དང་དངངས་སྐྲག་གི་ཆ་མེད་པ་བཟོ་དགོས།  དགུན་གསེང་གི་དུས་ཚོད་བེད་སྤྱོད་གང་ལེགས་བྱས་ནས།  ཕྲུ་གུ་དང་སྐད་ཆ་མང་ཙམ་ཤོད་པ་དང་དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་གི་བདེ་སྐྱིད་ཚོར་དུ་འཇུག་དགོས།  དགུན་གསེང་རིང་ཕྲུ་གུར་འོས་འཚམ་གྱི་དུས་ཚོད་བཀོད་སྒྲིག་བྱས་ནས་སློབ་སྦྱོང་དང་རྩེད་མོ་གཉིས་ཀ་འཐུས་ཤོར་མེད་པ་བྱ་དགོས།

རྒྱ་ཆེའི་ཁྱིམ་བདག་རྣམ་པ།  སྐུ་ཉིད་ཕྱག་ལས་ཐུགས་བྲེལ་ཇི་ཙམ་ཡོད་ཀྱང་། ཁྱེད་ཀྱི་དོ་འཁུར་ནི་ཕྲུ་གུའི་འཚར་ལོངས་ལ་སུས་ཀྱང་ཚབ་བྱེད་ཐབས་མེད་པའི་ནུས་པ་ཐོན་བཞིན་ཡོད་པས།  སྐུ་ཉིད་ནས་མཛད་བྲེལ་ཆེ་བའི་ཕྱག་ལས་ཁྲོད་ནས་ཁོམ་པ་ཅུང་ཟད་བཙལ་ཏེ་ཕྲུ་གུ་དང་བཀའ་མོལ་མང་ཙམ་དང་ཕྲུ་གུར་རང་ཉིད་ཀྱི་སྤྲོ་སྣང་མཉམ་རོལ་བྱས་ནས་དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་གི་བདེ་སྐྱིད་ཚོར་དུ་འཇུག་དགོས།

ཚེ་སྲོག་བླ་ན་མེད། བདེ་འཇགས་གཙོ་བོར་བཟུང་།  ཕྲུ་གུར་བདེ་འཇགས་བྱུང་ན།  ཁྱིམ་ཚང་བདེ་ཞིང་སྐྱིད་པ།  ཁྱིམ་ཚང་བདེ་སྐྱིད་བྱུང་ན་སྤྱི་ཚོགས་ཞི་མཐུན་ཡོང་ཐུབ།  ང་ཚོ་མཉམ་དུ་ལག་གདང་དཔུང་སྦྲེལ་ངང་ཕྲུ་གུ་ཚོར་ཐུན་མོང་ཐོག་བདེ་འཇགས་དང་བདེ་ཐང་།     གོ་རིམ་ལྡན་པའི་འཚར་ལོངས་ཀྱི་ཁོར་ཡུག་གཅིག་གཏོད་དགོས།

དགུན་གསེང་རིང་ཕྲུ་གུའི་བདེ་འཇགས་སློབ་གསོ་གང་ལེགས་གཉེར་ནས།  ཕྲུ་གུར་བདེ་ཐང་དང་བདེ་འཇགས།  དོན་སྙིང་ལྡན་པའི་དགུན་གསེང་ཞིག་དགའ་གཏོང་ཐུབ་པ་བྱེད་དགོས།

ཕྲུ་གུའི་འཚར་ལོངས་ཆེད་དུ།  ང་ཚོ་སུ་ལ་ཡང་ཁ་གཡར་ས་མེད།  ང་ཚོ་མཉམ་དུ་བརྩེ་བ་དང་འགན་འཁྲི་དང་དུ་བླངས་ནས་ཕྲུ་གུའི་མ་འོངས་སྐྱོང་བར་འབད།

མཇུག་ཏུ་བུ་ཕྲུག་དང་ཁྱིམ་བདག་ཡོངས་སྐུ་ཁམས་གསལ་ཐང་དང་ཁྱིམ་ཚང་བདེ་སྐྱིད་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ།   



                                                  ལྷོ་ཁ་གྲོང་ཁྱེར་སློབ་གསོ་ཅུད།

                                                   སྤྱི་ལོ་༢༠༢༣ལོའི་ཟླ་བ་༡༢




扫一扫在手机打开当前页面